༄༅། །ཡོ་ཧ་ནན་གྱི་འཕྲིན་ཡིག་གཉིས་པ། ཡོ་ཧ་ནན་གྱི་འཕྲིན་ཡིག་གཉིས་པའི་ངོ་སྤྲོད་མདོར་བསྡུས། ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས། སྤྱི་ལོའི་དུས་རབས་གཉིས་པའི་ནང་དུ་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་སྤེལ་མཁན་དང་དགེ་རྒན་རྣམས་ཡུལ་ཕྱོགས་སོ་སོར་འཕྲིན་བཟང་སྤེལ་བར་སོང་ཞིང་། དད་ལྡན་རྣམས་ཀྱིས་རྒྱུན་ལྡན་གྱི་འགྲོ་སྟངས་ལྟར་ཆོས་སྤེལ་མཁན་རྣམས་རང་རང་གི་ཁྱིམ་དུ་བསུས་པ་དང་། ཁོང་རྣམས་འགྲོ་ཁར་དེ་དག་ལ་རང་གི་གོམས་སྲོལ་ལྟར་ལམ་བྲོ་ཡང་སྦྱིན་པ་རེད། སྐབས་དེར་ཡེ་ཤུའི་ཆོས་ལུགས་ཀྱི་ལྡོག་ཟླར་གྱུར་པའི་ནཱ་སི་ཊི་སེམ་༼Gnosticism༽ཞེས་པའི་གྲུབ་མཐའི་ལམ་ལུགས་ཡོད་པ་དང་། ལོག་ལྟ་དེའི་དགེ་རྒན་རྣམས་ཀྱིས་ཀྱང་གོམས་སྲོལ་དེ་ལ་བརྟེན་ནས་བྱ་བ་སྒྲུབ་ཀྱིན་ཡོད་པས། ཡོ་ཧ་ནན་གྱི་འཕྲིན་ཡིག་གཉིས་པ་ནི་ཕྱོགས་འགྲུལ་གྱི་དགེ་རྒན་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་མིན་ལ་བློ་གྲོས་ལྡན་དགོས་པར་སྐུལ་མ་གཏོང་བའི་ཆེད་དུ་བྲིས་པ་ཡིན། ཡི་གེར་འགོད་མཁན་དང་འགོད་དུས། འཕྲིན་ཡིག་འདི་ཡོ་ཧ་ནན་གྱིས་འཕྲིན་ཡིག་དང་པོ་བྲིས་པའི་རྗེས་སུ་སྟེ། སྤྱི་ལོ་90ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན། བརྗོད་སྙིང་དང་གསུང་འཕྲིན། ཡོ་ཧ་ནན་གྱིས་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ཕན་ཚུན་ལ་བྱམས་ཤིང་གཅེས་དགོས་པའི་གལ་ཆེན་རང་བཞིན་བརྗོད་པ་སྟེ། སྤྱིར་བྱམས་ཤིང་གཅེས་པ་ནི་དཀོན་མཆོག་གི་བཀའ་ལ་མཉན་པའི་དོན་ཡིན་ལ། དཀོན་མཆོག་གི་བཀའ་ཡོད་ཚད་ལས་བདག་ཅག་ནི་བྱམས་སེམས་ལ་བརྟེན་ནས་འཚོ་དགོས་པར་གསུངས་ཡོད། ཡོ་ཧ་ནན་གྱིས་སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ནི་དཀོན་མཆོག་གི་སྲས་ཡིན་པ་དང་། ཁོང་ནི་དཀོན་མཆོག་དང་མི་གཉིས་ཀ་ཡིན་པའི་གཞུང་ལུགས་གལ་ཆེན་སྐོར་ནན་གྱིས་གསུངས་ཤིང་། ཡེ་ཤུའི་ཆོས་ལུགས་པ་རྣམས་ནི་སྐྱབས་མགོན་ཡེ་ཤུ་དཀོན་མཆོན་གི་སྲས་མིན་ཞེས་ཁྲིད་མཁན་གྱི་དགེ་རྒན་རྣམས་དང་ཁ་འབྲལ་དགོས་པ་བཅས་བརྗོད་པ་ཡིན། འཆར་ཟིན། 1. ཁམས་འདྲི། ༼1-3༽ 2. བསྔགས་བརྗོད། ༼4༽ 3. སྐུལ་སློང་དང་ཉེན་བརྡ། ༼5-11༽ 4. མཇུག་སྡོམ། ༼12-13༽
1བྱམས་པའི་སྙིང་པོ། 1 དེ་ཡང་དཀོན་མཆོག་གིས་བདམས་པའི་བུད་མེད་དང་ཁོ་མོའི་བུ་ཕྲུག་རྣམས་ལ་ཆོས་ཚོགས་ཀྱི་རྒན་པོ་བདག་གིས་འཕྲིན་ཡིག་འདི་སྤྲིངས་པ་སྟེ། བདག་གིས་ཁྱོད་རྣམས་དངོས་གནས་གཅེས་སུ་འཛིན་པ་དང་། བདེན་པ་ཉིད་རྟོགས་མཁན་ཐམས་ཅད་ཀྱིས་ཀྱང་ཁྱོད་རྣམས་གཅེས་སུ་འཛིན་ནོ།། 2 ཁྱོད་རྣམས་གཅེས་སུ་འཛིན་པ་ནི་བདེན་པ་ཉིད་ཀྱི་ཕྱིར་ཡིན༌ལ། བདེན་པ་ཉིད་ནི་བདག་ཅག་གི་ནང་དུ་གནས་ཤིང་། རྟག་ཏུ་བདག་ཅག་དང་ལྷན་དུ་བཞུགས་སོ།། 3 ཡབ་དཀོན་མཆོག་དང་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀ་ལས་བྱམས་དང་སྙིང༌རྗེ། ཞི་བདེ་བཅས་འབྱུང་ཞིང་། བདེན་པ་དང་གཅེས་སེམས་ཀྱི་ངང་ནས་བདག་ཅག་དང་ལྷན་དུ་གནས་པར༌ངེས་སོ།།4 ཁྱོད་ཀྱི་བུ་ཕྲུག་འགའ་ཞིག་གིས་བདེན་པ་ཉིད་ཀྱི་ནང་དུ་སྤྱོད་བཞིན་ཡོད་པ་བདག་གིས་ཤེས་པར་གྱུར་པས་ང་ནི་ཤིན་ཏུ༌དགའ་བྱུང་ངོ་༎ དེ་ནི་ཡབ་ཀྱིས་བདག་ཅག་ལ་གནང་བའི་བཀའ་བཞིན་ཡིན། 5 བུད་མེད༌ཀྱེ། བདག་གིས་ད་ལྟ་ཁྱོད་ལ་བསྐུལ་བར་བྱ༌སྟེ། བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་སུ་འཛིན་འོས་སོ།། འདི་ནི་བདག་གིས་ཁྱོད་ལ་བཀའ་གསར་པ་ཞིག་འབྲི་བ་མ་ཡིན་པར། ཐོག་མ་ནས་བདག་ཅག་ལ་ཐོབ་པའི་བཀའ་ཡིན། 6 དཀོན་མཆོག་གི་བཀའ་རྣམས་བཞིན་དུ་སྤྱོད་པ་ཡིན་ན་དེ་ནི་བྱམས་པ་ཡིན། ཁྱོད་རྣམས་ཀྱིས་ཐོག་མ་ནས་ཐོས་ཤིང་དེ་བཞིན་དུ་སྤྱོད་དགོས་པ་དེ་ནི་བཀའ་འདི་ཡིན༌ནོ།།
7 ཅིའི་ཕྱིར་ཞེ་ན། འཇིག་རྟེན་འདིར་མི་ལ་སླུ་བྲིད་བྱེད་མཁན་མང་པོ་བྱུང༌བ་དང་། དེ་དག་གིས་ཡེ་ཤུ་མཱ་ཤི་ཀ་ནི་མི་ཡི་གཟུགས་པོར་གྱུར་ནས་བྱོན་པ་ཁས་མི་ལེན་པའི་ཕྱིར་རོ།། དེ་དག་ནི་མི་ལ་སླུ་བྲིད་བྱེད་མཁན་དང་སྐྱབས་མགོན་མཱ་ཤི་ཀའི་བསྟན་དགྲ་ཡིན། 8 ངེད་ཅག་གིས་བསྒྲུབས་པའི་དོན་རྣམས་མེད་པར་མི་འགྱུར་བ་དང་ཁྱོད་ཅག་ལ་བྱ་དགའ་ཚང་མ་འཐོབ་པའི་ཕྱིར་ཁྱོད་རྣམས་ཀྱིས་གཟབ་པར་གྱིས། 9 སུ་ཞིག་སྐྱབས་མགོན་མཱ་ཤི་ཀའི་གསུངས་པའི་ཆོས་དང་རིང་དུ་གྱེས་ཤིང་། དེའི་ནང་དུ་མི་གནས་པ་ནི་དཀོན་མཆོག་དང་འབྲེལ་བ་མེད། ཁོང་གི་གསུངས་པའི་ཆོས་ཀྱི་ནང་དུ་གནས་པ་ནི་དཀོན་མཆོག་ཡབ་སྲས་གཉིས་ལ་འབྲེལ་བ་མཆིས། 10 གལ་ཏེ། མི་སུ་ཞིག་ཁྱོད་ཅག་གི་གམ་དུ་ཡོང་བ་དང་གསུངས་པའི་ཆོས་དེ་དག་མི་སྟོན་ན། མི་དེ་རང་གི་ཁྱིམ་དུ་མི་བསུ་ཞིང་འཚམས་འདྲིའང་ཞུ་བར་མི་བྱའོ།། 11 རྒྱུ་མཚན་ནི་མི་དེ་ལྟ་བུར་འཚམས་འདྲི་ཞུས་པ་ཡིན་ན། འཚམས་འདྲི་ཞུ་མཁན་ནི་མི་དེའི་ལས་ངན་པ་དང་འབྲེལ་བ་ཡོད་པའི་ཕྱིར་རོ།།
12 བདག་ལ་ད་དུང་ཁྱོད་ཅག་ལ་འབྲི་བྱའི་དོན་མང་ཡང་། ཤོག་སྣག་ལ་བརྟེན་ནས་འབྲི་མི་འདོད་དེ། བདག་ཅག་གི་སེམས་སུ་དགའ་སྤྲོས་ཁེངས་པའི་ཕྱིར། ཁྱོད་ཅག་གི་གམ་དུ་ཡོང་སྟེ་གདོང་ཐུག་ནས་གླེང་མོལ་བྱེད་པར་རེ་བ་བཅངས་སོ།།
13 དཀོན་མཆོག་གིས་བདམས་པའི་ཁྱོད་ཀྱི་གཅུང་མོའི་བུ་ཕྲུག་རྣམས་ཀྱིས་ཁྱོད་ལ་འཚམས་འདྲི༌ཞུའོ།། །།
4 ཁྱོད་ཀྱི་བུ་ཕྲུག་འགའ་ཞིག་གིས་བདེན་པ་ཉིད་ཀྱི་ནང་དུ་སྤྱོད་བཞིན་ཡོད་པ་བདག་གིས་ཤེས་པར་གྱུར་པས་ང་ནི་ཤིན་ཏུ༌དགའ་བྱུང་ངོ་༎ དེ་ནི་ཡབ་ཀྱིས་བདག་ཅག་ལ་གནང་བའི་བཀའ་བཞིན་ཡིན། 5 བུད་མེད༌ཀྱེ། བདག་གིས་ད་ལྟ་ཁྱོད་ལ་བསྐུལ་བར་བྱ༌སྟེ། བདག་ཅག་གིས་ཕན་ཚུན་ལ་བྱམས་ཤིང་གཅེས་སུ་འཛིན་འོས་སོ།། འདི་ནི་བདག་གིས་ཁྱོད་ལ་བཀའ་གསར་པ་ཞིག་འབྲི་བ་མ་ཡིན་པར། ཐོག་མ་ནས་བདག་ཅག་ལ་ཐོབ་པའི་བཀའ་ཡིན། 6 དཀོན་མཆོག་གི་བཀའ་རྣམས་བཞིན་དུ་སྤྱོད་པ་ཡིན་ན་དེ་ནི་བྱམས་པ་ཡིན། ཁྱོད་རྣམས་ཀྱིས་ཐོག་མ་ནས་ཐོས་ཤིང་དེ་བཞིན་དུ་སྤྱོད་དགོས་པ་དེ་ནི་བཀའ་འདི་ཡིན༌ནོ།།